༄༄། །ས་གནས་མི་་ནི་སོ་ཊའི་བོད་མི་ཡོངས་ཀྱི་སྙན་ལམ་དུ། ཞུ་གསོལ། ཡོང་རྒྱུ་ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་གི་མང་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་རེ་ལྔ་འཁོར་གྱིས་ཡོད་པ་ན། འདི་གར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གསོལ་འདེབས་ཞུས་པ་བཞིན། བྱང་ཨ་རིའི་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས། རྣམ་གཉིས་འུ་ཅག་གི་སྐུ་མགྲོན་གཙོ་བོ་དུ་འགྱུར་ནས་ས་གནས་མི་མང་ལ་དུས་ཆེན་དང་འབྲེལ་ནས་གཏམ་བཤད་འབུལ་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༥ བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༣ པ་ཨ་རི་དང་ཁེ་ན་ཌ་ནས་ཕེབས་པས་ཚོགས་བཅར་བ་དང་། ཨ་རིའི་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་དང་དོན་གྲུབ་ཚེ་རིང་ལགས་བཅས། དེ་དག་ང་ཚོའི་སྐུ་མགྲོན་ཡིན་པ་དང་། འུ་ཅག་དང་ལྷན་དུ་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན་པ་ལགས་ན། ས་གནས་མི་མང་གང་མང་གཤམ་གསལ་པར་རིའི་ནང་འཁོད་པ་ཚེས་གྲངས་དང་དུས་ཐོག་ཏུ་ངེས་ཕེབས་མཉམ་འཛོམས་ཡོང་བ་རེས་བསྐུལ་དང་བརྡ་ལན་དུ། བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༨ ཚེས་ ༥ བཟང་པོར་ཕུལ།
Read More »
Tibetan American Foundation of Minnesota TAFM
