༄༅།། མཚུངས་མེད་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་ལྷན་རྒྱས་ལ།

ཆེད་ཞུ། སྔ་ལོ་ཕྱི་ཟླ་ ༡༢ ནང་ཝ་ཤིང་ཊོན་སྒྲི་སི་རུ་བསྐོང་ཚོགས་གནང་བའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ ཐོག དངས་བླང་དཔྱ་དངུལ་ལག་དེབ་འབུལ་འབབ་ [Green Book (Chatrel Contribution)] ཀྱི་ཕན་ཡོན་དང་གལ་ཆེའི་རང་བཞིན་སྐོར་རིང་པོ་མེད་པའི་བརྙན་ཐུང་ཞིག་བཟོ་གལ་ཆེ་བ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ལ་རེ་སྐུལ་ཞུ་དགོས་པའི་གྲོས་ཆོད་བཞག་པ་བཞིན། འདི་ནས་དཔལ་འབྱོར་ལས་ཁུངས་དང་ཕྱི་དྲིལ་ལ་སྔ་རྗེས་འབོད་སྐུལ་ཞུས་པ་བཞིན། རིང་ཐུང་སྐར་མ་ལྔ་ཅན་གྱི་བརྙན་ཐུང་གསར་བཟོ་གནང་སྟེ། དེ་རིང་བསྐུར་འབྱོར་བྱུང་བའི་དྲྭ་ཐག་འདི་མཉམ་འབུལ་ལམ་ཞུས་པར་ཁྱབ་ཁོངས་མང་ཚོགས་ལ་མ་གོ་མ་ཐོས་པའི་འགྲེལ་བརྗོད་འགྲེམས་སྤེལ་ཡོང་བ་དང་། ཆབས་ཅིག་བརྙན་ཐུང་དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོའི་ངོ་དེབ་དང་དྲྭ་རྒྱར་འཇོག་གནང་དེ་དོན་དགོངས་འཇགས་ཞུ།། བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༤ ཚེས་ ༢༣ ལ་ཕུལལ།། །།

 

 

Kunga Tashi
Former Secretary (CTA)
Tibetan Liaison Officer (OTDC)
Office of Tibet
1228 17th St NW
Washington, DC 20036