༄༅། །ཆོས་བརྡ།
མི་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ ༢༠༢༣ ཕྱི་ཟླ་ ༥ ཚེས་ ༣༠ སྟེ། འབུམ་འགྱུར་ཟླ་བའམ་ས་ག་ཟླ་བའི་ཚེས་ ༡༠ ཁྱད་པར་ཅན་གྱི་ཉིན་མོའི་སྔ་དྲོ་ཆུ་ཚོད་ ༡༠ ནས་ཉིན་འཁྱོང་རིང་རང་རེའི་སྤྱི་ཁང་གསར་པར་༼མ་ཎི་གསོག་སྒྲུབ་དང་ཚོགས་༽འབུལ་རྒྱུ་ལགས་ན། ས་ག་ཟླ་བའི་དུས་ཚོད་ཁྱད་པར་ཅན་འདིའི་གོ་སྐབས་བཟུང་སྟེ་དཀར་ཕྱོགས་དགེ་བའི་ལས་ལ་འཇུག་ཕྱིར་ས་གནས་མི་མང་གང་མང་ངེས་ཕེབས་ཡོང་བའི་ཆོས་བརྡར།
ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཆོས་ཕྱོགས་སྡེ་ཚན་ནས། ༢༠༢༣ ཟླ་ ༥ ཚེས་ ༡༥ ལ།
མཆན། གསོལ་ཇ་དང་ཞལ་ལག་གོ་སྒྲིག་ཞུ་རྒྱུ་ཡིན།
DHARMA ANNOUNCEMENT
TAFM is organizing a full day prayer gathering (Mani Accumulation & Tsok Offering) at our Isanti Community Center on Tuesday, May 30, 2023 from 10 AM.
This prayer gathering is specifically organized to observe the most sacred Tibetan month of Saka Dawa (4th lunar month), which is also known as “Boom Gyur Dawa“ (100,000 times multiplier month), meaning that the effects of any virtuous or non-virtuous multiplies that many times.
We welcome everyone to attend this prayer gathering to accumulate maximum virtuous acts.
TAFM Spiritual Chair
NOTE: Free tea and food will be served.