TAFM’s New Building

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༢ ཉིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་མ་འོངས་རིག་གཞུང་བསྟི་གནས་ཁང་གི་དམིགས་སྒོ་་སྟེ། ཚོགས་ཁང་གསར་པ་རྩིས་ལེན་གྱི་ལས་དོན་ཡོངས་སུ་མཇུག་སྒྲིལ་ཟིན་ཞིང་། གང་མགྱོགས་ཚོགས་ཁང་གསར་པའི་ནང་མཇལ་བའི་རེ་བ་ཞུ་བཞིན་ཡོད།

ཐེངས་འདིར་ཚོགས་ཁང་གསར་ཉོའི་ལས་དོན་ནང་ས་གནས་མི་དམངས་སྤྱི་དང་། ལྷག་པར་དུ་ “འཛམ་གླིང་ཡང་སྟེང་ས་ཁང་ཉོ་ཚོང་ཁང་” དུ་ཕྱག་ལས་གནང་མཁན་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཟུར་པ་སྐལ་བཟང་སྐྱོང་ལགས་ནས་ཕྱག་རོགས་གང་ལེགས་གནང་བ་མ་ཟད། ཁོང་ལ་ས་ཁང་ཉོ་ཚོང་ཁང་ནས་ཚོགས་ཁང་སྤུས་ཚོང་ཐུབ་པའི་རྔན་པ་ཨ་སྒོར་ ༡༩༤༡༩།༠༠ བྱུང་བ་ཚང་མ་སྤྱི་མཐུན་ཚོགས་པར་ཞལ་འདེབས་གནང་སོང་བར་སེམས་གཏིང་ནས་ལེགས་གསོའི་བསྔགས་བརྗོད་འབྲེལ་ས་གནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

On June 22, 2020, Tibetan American Foundation of Minnesota closed on a new larger property with potential to grow in the future. After several years, we have finally found a very suitable property to serve as our community center. We are looking forward to the future of this new property.

** Thank you to Kalsang Kyoh la with Roof of the World Team for all your hard work and dedication during this long journey and for donating the full commission back to TAFM in the amount of $19,419. Thank you very much Kalsang Kyoh!